ཉེས་དོན་གཏུག་བཤེར་སྐབས་ཀྱི་ཐ་སྙད་དང་བརྡ་ཆད་ཁ་ཤས་ཀྱི་འགྲེལ་བཤད།

 

གཤམ་གྱི་ཐ་སྙད་དག་ནི་ཉེས་དོན་གཏུག་བཤེར་་སྐབས་སུ་རྒྱུན་ཏུ་བཀོལ་སྤྱོད་བྱེད་པའི་ཐ་སྙད་དང་བརྡ་ཆད་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན། མཁྱེན་ལྡན་གྱི་གཟིགས་མཁན་རྣམས་ལ་ཐ་སྙད་དང་བརྡ་ཆད་སྤུས་ལེགས་ཡོད་ན་འདི་རུ་འགོད་པར་འཚལ། ང་ཚོས་ཐ་སྙད་གང་ལེགས་འཚོལ་བསྡུད་བྱས་ནས་རྗེས་སུ་ཚད་མར་འཛིན་པའི་ཐ་སྙད་གཏན་འཁེལ་བྱ་ཆོག ཐ་སྙད་དང་འགྲེལ་ལ་གོ་འཛོལ་སོགས་ཀྱི་ནོར་འཁྲུལ་ཡོད་ན་མཛུབ་སྟོན་གནང་བར་མཁྱེན།

བཀག་ཉར། སྤྱི་བདེ་དང་ཞིབ་དཔྱོད་ལས་ཁང་གིས་བྱས་ཉེས་བྱེད་བཞིན་པའམ་དོགས་གཞི་ཡོད་པའི་ཉེས་དོགས་མི་སྣར་ངེས་ཅན་གྱི་ཁྲིམས་ཀྱི་ཉེན་ཁ་ཡོད་པའི་ཆ་རྐྱེན་འོག་འཕྲལ་དུ་བཟུང་བཀྱིག་བྱས་ནས་འདྲི་གཅོད་བྱེད་པའི་ཐབས་ཚུལ།  拘留

བརྡ་བསྐྱལ། ཁྲིམས་འཛིན་ལས་ཁང་གིས་ཐབས་ལམ་ངེས་ཅན་བརྒྱུད་ནས་གྱོད་འབྲེལ་གཞུང་ཡིག་འབྲེལ་ཐོགས་མི་སྣའི་ལག་ཏུ་སོན་པར་བྱེད་པ་ཞིག་ལ་གོ 送达

གྱོད་གཞི་དང་ལེན། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་མི་བདག་གི་ཞུ་གཏུག་དང་ཉེས་དོགས་པའི་མགོ་འདོགས་སོགས་ལ་བརྟག་དཔྱད་བྱས་རྗེས་གྱོད་གཞི་དང་ལེན་བྱས་ཏེ་བརྩད་གཅོད་དང་ཁྲིམས་གཅོད་བྱེད་མིན་སོགས་ཐག་གཅོད་པའི་བརྒྱུད་རིམ་ཞིག 立案

ཉེས་འཛུགས། མི་བདག་དང་དེའི་ཁྲིམས་མཐུན་ཚབ་གཉེར་སོགས་ཀྱིས་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ལ་ནག་ཉེས་བྱེད་མཁན་གཏུག་སྟེ་དེའི་ཉེས་འགན་བདའ་འདེད་ཞུ་བ་ལ་གོ 控告

འགན་གཏུག དོ་བདག་མ་ཡིན་པའི་གང་ཟག་གིས་བྱས་ཉེས་དང་ཉེས་དོགས་མི་སྣ་ཚོར་ཏེ་མི་སེར་གྱི་འོས་འགན་གྱིས་བསྐུལ་ནས་ཁྲིམས་འཛིན་ལས་ཁུང་ལ་བྱས་ཉེས་སོགས་ཀྱི་གནས་ཚུལ་བརྗོད་པ་ཞིག་ལ་གོ 举报

བརྩད་གཅོད། སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས། དམག་སྡེའི་བདེ་སྲུང་ལས་ཁུངས་སོགས་ཀྱིས་ཁྲིམས་ལྟར་དྲག་ཤུལ་ཐབས་ཚུལ་སོགས་བེད་སྤྱད་ནས་ཉེས་དོན་གནས་ཚུལ་རྒྱུས་ལོན་དང་བརྩད་གཅོད་བྱེད་པ་ཞིག་ལ་གོ 侦查

བསྔོག་བཤེར། བརྩད་གཅོད་མི་སྣས་ནག་ཉེས་ཀྱི་དཔང་རྟགས་འཚོལ་བསྡུད་བྱེད་ཆེད་འབྲེལ་ཡོད་མི་སྣའི་ལུས་དང་གནས་ཁང་དང་དངོས་རྫས་སོགས་ལ་བསྔོག་བཤེར་བྱེད་པ་དེ་ལ་གོ 搜查

འཛིན་བརྡ། སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱེད་དགོས་པའི་བྲོས་བྱོལ་མི་སྣར་འཛིན་བརྡ་སྤེལ་ནས་འཛིན་ཐབས་བྱེད་པ་ལ་གོ 通缉

གཞུང་གཏུག གཞུང་གཏུག་གི་དབང་ཁྱབ་་ཡོད་པའི་རྒྱལ་ཁབ་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ཁང་ལ་གྱོད་ཡ་ཉེས་འཛུགས་བྱས་ཏེ་ཁྲིམས་ཆད་གཅོད་དགོས་ཞེས་ཞུ་གཏུག་བྱེད་པའི་བརྒྱུད་རིམ་དེ་ལ་གོ 公诉

གཞུང་གཏུག་ཞུ་བ། མི་མང་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་མི་མང་ཁྲིམས་ཁང་དུ་གྱོད་ཡ་ལ་ཉེས་འཛུགས་དང་དེའི་ཉེས་འགན་བདའ་འདེད་བྱེད་དུ་འཇུག་པ་ལ་གོ 提起公诉

ཞུ་གཏུག་ཞིབ་བཤེར། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བརྩད་གཅོད་མཇུག་རྫོགས་ཤིང་ཉེས་དོགས་མི་སྣར་ཞུ་གཏུག་བྱེད་དགོས་བའི་ཞུ་ཡིག་ལ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་སྟེ་གཞུང་གཏུག་བྱེད་མིན་ཐག་གཅོད་པའི་བརྒྱུད་རིམ་དེ་ལ་ཟེར། 审查起诉

གཞུང་གཏུག་མི་བྱེད་པ། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁང་གི་ཞུ་གཏུག་ཡིག་ཆ་དང་རང་ཉིད་ཀྱིས་བརྩད་གཅོད་བྱས་པའི་ཡིག་ཆ་རྣམས་ལ་ཞིབ་བཤེར་བྱས་རྗེས་ཉེས་དོགས་པར་བདའ་འདེད་མི་བྱེད་པའི་ཁྲིམས་མཐུན་གྱི་ཆ་རྐྱེན་ཚང་བའམ་་ཉེས་ཆད་ཆག་ཡང་བྱེད་འོས་བ། དཔང་རྟགས་འཐུས་མི་ཚང་བ་སོགས་ཀྱི་ཆ་རྐྱེན་འོག་ཁྲིམས་ཁང་ལ་གཞུང་གཏུག་མི་བྱེད་པའི་ཐག་ཆོད་ཞིག་ལ་གོ 不起诉

ཁྲིམས་བཤེར། ཁྲིམས་ཁང་གིས་ཁྲིམས་ར་བརྒྱུད་ཏེ་ཉེས་འཛུགས་པ་དང་དག་སེལ་པ་སོགས་མཉམ་ཞུགས་འོག་གྱོད་གཞི་དང་དཔང་རྟགས་སོགས་ལ་བརྟག་དཔྱད་དང་བརྡར་ཤ་གཅོད་པའི་ལས་ལ་གོ 审理

ཁྲིམས་གཅོད། ཁྲིམས་ཁང་གིས་ཉེས་དོན་གྱོད་གཞི་ལ་ཁྲིམས་བཤེར་བྱས་རྗེ་འཁྲུན་ཐག་གཅོད་པའི་ལས་ལ་གོ 判决

ཁྲིམས་དཔོན་གཅིག་གི་ཁྲིམས་རའམ་བསེ་རུ་ཁྲིམས་ར། ཁྲིམས་དཔོན་གཅིག་ཁྲིམས་རའི་ཁྲིམས་བཤེར་ལ་ཞུགས་པའི་ཁྲིམས་ར་ལ་ཟེར། 独任庭

སྣ་འདུས་ཁྲིམས་ར། ཁྲིམས་དཔོན་གསུམ་ཡན་ཆད་ཁྲིམས་རར་མཉམ་ཞུགས་ངང་ཁྲིམས་བཤེར་བྱེད་པའི་ཁྲིམས་ར། 合议庭

ཁྲིམས་རའི་རྩོད་པ། ཁྲིམས་དཔོན་གྱི་དབུ་མཛད་འོག་གཞུང་གཏུག་པ་དང་དག་སེལ་པས་དཔང་རྟགས་དང་གྱོད་གཞི་ཐད་རྩོད་སྒྲུབ་བྱེད་པའི་ལས། 法庭辩论

གྲོས་བསྡུར། སྣ་འདུས་ཁྲིམས་རའི་ཁྲིམས་དཔོན་རྣམ་པས་ཁྲིམས་བཤེར་གྱི་གནས་ཚུལ་ལ་གྲོས་བསྡུར་དང་། ཁྲིམས་བཤེར་བརྒྱུད་ནས་མངོན་ཏུ་གསལ་བའི་གནས་ཚུལ་ལ་གཞིར་བཞག་བྱས་ཏེ་གྱོད་གཞི་འཁྲུན་གཅོད་ཀྱི་སྐོར་ལ་གྲོས་བསྡུར་བྱེད་པ། 合议庭讨论

ཉེས་དོན་ཁྲིམས་བཅད་དམ་འཁྲུན་ཆོད། དངོས་གཞིའི་གནད་དོན་ཐད་ཁྲིམས་ཁང་གི་གྱོད་ཡ་ཉེས་བ་ཡོད་མེད་ཐག་གཅོད་པ་དེ་ལ་ཟེར། 刑事判决

ཉེས་དོན་བཅད་ཁྲ། ཁྲིམས་ཁང་གིས་ཁྲིམས་བཤེར་གྱི་བརྒྱུད་རིམ་གྱི་ཁྲོད་གནད་དོན་སེལ་ཕྱིར་ཐག་བཅད་པའི་འཁྲུན་ཆོད་ལ་ཟེར། 刑事裁定

སྒེར་གཏུག གྱོང་རག་མཁན་དང་དེའི་ཁྲིམས་མཐུན་ཚབ་གཉེར་བས་གྱོད་ཡའི་ནག་ཉེས་བདའ་འདེད་བྱེད་ཆེད་ཁྲིམས་ཁང་ལ་ཞུ་གཏུག་བྱས་བ་ལ་ཟེར། 自诉

ཐེངས་གཉིས་བའི་ཁྲིམས་བཤེ་བརྒྱུད་རིམ། གོང་རིམ་ཁྲིམས་ཁང་གིས་གྱོད་ཡ་དང་དེའི་ཚབ་གཉེར་གྱིས་གོང་གཏུག་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒོལ་གཏུག་ལ་བརྟེན་ནས་ཁྲིམས་ཁང་འོག་མའི་ཁྲིམས་ནུས་མ་ཐོན་པའི་འཁྲུན་ཆོད་ལ་ཡང་བསྐྱར་ཁྲིམས་བཤེར་བྱེད་པའི་བརྒྱུད་རིམ། 二审程序

གོང་གཏུག གྱོད་ཡ་དང་དེའི་ཚབ་གཉེར་བས་ཁྲིམས་ཁང་གི་ཁྲིམས་བཤེར་ཐོག་མའི་འཁྲུན་ཆོད་ལ་ཡིད་འཐད་མ་བྱུང་བར་ཁྲིམས་ལྟར་ཁྲིམས་ཁང་དེའི་གོང་རིམ་ཁྲིམས་ཁང་ལ་ཡང་བསྐྱར་ཁྲིམས་བཤེར་ཞུ་བའི་ལས། 上诉

རྒོལ་གཏུག ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ཉིད་དང་རིམ་པ་མཉམ་པའི་ཁྲིམས་ཁང་གི་ཁྲིམས་བཤེར་ཐོག་མའི་འཁྲུན་ཆོད་ལ་ནོར་འཁྲུལ་ཡོད་པར་བསམ་སྟེ་ཁྲིམས་མཐུན་གྱི་དུས་ཡུན་ནང་དེའི་ཁྲིམས་ཁང་གོང་མར་ངོ་རྒོལ་གྱི་ཆེད་དུ་ཡང་བསྐྱར་ཁྲིམས་བཤེར་་བྱེད་པར་བསྐུལ་བའི་ལས་ལ་ཟེར། 抗诉

ཡིག་ཐོག་གི་ཁྲིམས་བཤེར། འབྲེལ་ཐོགས་མི་སྣ་ཁྲིམས་རར་ཡོང་མ་དགོས་བར་ཁྲིམས་དཔོན་རྣམ་པས་ཁྲིམས་ཁང་འོག་མའི་ཡིག་ཆ་ལ་བརྟེན་ནས་ཁྲིམས་བཤེར་བྱེད་པའི་ལམ་ལུགས། 书面审理

སྲོག་ཆད་བསྐྱར་བཤེར་གྱི་བརྒྱུད་རིམ། ཆེས་མཐོ་ཁྲིམས་ཁང་གིས་འོག་རིམ་ཁྲིམས་ཁང་གི་སྲོག་ཆད་བཅད་པའི་འཁྲུན་ཆོད་ལ་ལ་བརྟག་བཤེར་དང་སྲོག་གཅོད་ཆོག་མཆན་འགོད་པའི་དམིགས་བསལ་གྱི་ཁྲིམས་བཤེར་བརྒྱུད་རིམ་ཞིག་ལ་གོ 死刑复核程序

ཡང་བཤེར་བརྒྱུད་རིམ། ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁང་གིས་ཁྲིམས་ནུས་ཐོན་ཟིན་པའི་འཁྲུན་ཆོད་ལ་དོན་དངོས་ངོས་འཛིན་གྱི་ནོར་འཁྲུལ་དང་ཁྲིམས་ལུགས་ལུང་འདྲེན་གྱི་ནོར་འཁྲུལ་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁྲིམས་ལྟར་ཁྲིམས་བཤེར་བརྒྱུད་ནས་ཡོ་བསྲང་བྱེད་པའི་བརྒྱུད་རིམ་ལ་ཟེར། 再审程序