[caption id=”attachment_825” align=”alignleft” width=”164”] ཕྱི་བསྐྱོད་ལམ་ཡིག[/caption]
ཕྱི་བསྐྱོད་ལམ་ཡིག་༼护照༽་ནི་སྲིད་གཞུང་གིས་སྤྱི་དམངས་ཞིག་ཕྱི་རྒྱལ་དུ་འགྲུད་བཞུད་ལ་འགྲོ་ཆོག་པར་སྤྲད་པའི་ཆོག་མཆན་དཔང་རྟགས་ཤིག་ཡིན། སྤྱི་དམངས་ཀྱིས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་གདན་ཞུ་ཡི་གེ་ལ་བརྟེན་ནས་སྤྱི་བདེ་ལས་ཁུངས་ལ་ལམ་ཡིག་ཞུས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཉིན་༡༠་ཚུན་ལམ་ཡིག་བཟོས་ནས་སྤྲོད་དགོས། སྤྲད་ཟིན་པའི་ལམ་ཡིག་དེའང་དམིགས་བསལ་ཀྱི་ཁྲིམས་ཀྱིས་གཏན་ཏུ་འཁེལ་བའི་གནས་ཚུལ་འོག་ཕྱིར་བསྡུད་དང་བཙན་ཉར་བྱེད་དགོས་བྱུང་ན། ཁྲིམས་འཛིན་ལས་ཁུངས་དང་སྲིད་གཞུང་གི་ལྟ་ཞིབ་ལས་ཁུངས༼监察部门 ༽་ཀྱིས་ངེས་བར་དུ་ཁྲིམས་མཐུན་གྱི་བརྒྱུད་རིམ་བརྒྱུད་ནས་བཙན་ཉར་བྱེད་དགོས་བ་ལས། གང་ཟག་དང་ཚོགས་པ་གཞན་པ་དཔེར་ན་སྡེ་བའི་སྡེ་དཔོན་དང་ཞང་སྲིད་གཞུང་གི་འགོ་ཁྲིད། མངག་གཏོང་ཁང་སོགས་ལ་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུད་དང་བཙན་ཉར་བྱེད་མི་ཆོག་ལ་བྱེད་པའི་དབང་ཆའང་རྩ་བ་ཉིད་ནས་མེད། ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་༡༥་ནང་དུ་ལམ་ཡིག་བཙན་ཉར་བྱེད་པའི་ཆ་རྐྱེན་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ལྟ་ཞིབ་ལས་ཁུང་ཀྱིས་གྱོད་གཞིའི་དགོས་མཁོ་དབང་གིས་སྤྱི་དམངས་ཀྱི་ལམ་ཡིག་བཙན་ཉར་བྱེད་པ་ཆོག་པ་དང་། སྤྱི་དམངས་ཀྱིས་བཙན་ཉར་བྱེད་འོས་བའི་ལམ་ཡིག་དེ་གཞུང་ལ་མ་སྤྲད་ན། ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་ཕྱི་བསྐྱོད་ལམ་ཡིག་སྤྲོད་པའི་ལས་ཁུངས་ལ་ལམ་ཡིག་དེ་ནུས་མེད་གསལ་སྒྲག་སྤེལ་བའི་རེ་སྐུལ་བྱེད་ཆོག
护照法
第二条 中华人民共和国护照是中华人民共和国公民出入国境和在国外证明国籍和身份的证件。
任何组织或者个人不得伪造、变造、转让、故意损毁或者非法扣押护照。
第十五条 人民法院、人民检察院、公安机关、国家安全机关、行政监察机关因办理案件需要,可以依法扣押案件当事人的护照。
案件当事人拒不交出护照的,前款规定的国家机关可以提请护照签发机关宣布案件当事人的护照作废。
སྤྱི་དམངས་ལ་མཚོན་ནའང་སྡེ་དཔོན་དང་ཞང་དང་རྫོང་གི་སྲིད་གཞུང་གི་ལས་བྱེད་པ། ཉེན་རྟོག་པ་ལ་ལམ་ཡིག་སྤྲོད་པའི་འོས་འགན་མེད། འབྲེལ་ཡོད་ཀྱི་ཁྲིམས་ལྟར་ན་སྤྱི་དམངས་ཞིག་བཙོན་མར་གྱུར་བའམ་བཀག་ཉར་བྱས་བའམ་འགྲོ་འདུག་གི་རང་དབང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྟངས་འཛིན་བྱས་ཚེ། དེའི་ལམ་ཡིག་ད་གཟོད་ཁྲིམས་འཛིན་ལས་ཁུངས་དང་རྫོང་ངམ་དེའི་ཡན་གྱི་སྲིད་གཞུང་གི་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ཀྱི་ཆ་རྐྱེན་དང་མཐུན་པར་བཙན་ཉར་བྱེད་ཆོག དེ་ལས་གཞན་གྱི་ལས་ཁུངས་ལ་ཕྱི་བསྐྱོད་ལམ་ཡིག་བཙན་ཉར་དང་ཕྱིར་བསྡུད་བྱེད་པའི་དབང་ཆ་མེད། ཞང་རིམ་པའི་ལས་ཁུངས་དང་སྡེ་བའི་ལས་བྱེད་སོགས་ལ་དབང་ཆ་དེ་བས་ཀྱང་མེད། ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་བརྒྱད་པ་ནང་དུ། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཚོད་འཛིན་པའི་ཐབས་ཚུལ་དང་ཆད་པ་ངེས་པར་དུ་ཁྲིམས་ལུགས་ལས་བྱུང་དགོས་ཞེས་བའི་གཏན་འཁེལ་ལྟར། ༼《中华人民共和国立法法》第八条明确规定,限制人身自由的强制措施和处罚必须制定法律,其他任何规范性文件或行政法规均不得设定限制公民人身自由的行政强制措施或行政处罚。༽ཞང་སྲིད་གཞུང་དང་སྡེ་བའི་ལས་བྱེད་པས་སྤྱི་དམངས་ཀྱི་ལམ་ཡིག་ཕྱིར་བསྡུད་དང་བཙན་ཉར་བྱེད་པར་ཁྲིམས་ལུགས་ཀྱི་རྒྱབ་རྩ་མེད་པས། དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན། རང་གི་གཅེས་སུ་འོས་བའི་ལམ་ཡིག་དེ་གཡག་གིས་གཡག་རྔ་སྲུང་བ་ལྟར་སྲུང་དགོས་བ་ལས། སྡེ་དཔོན་དང་ལས་བྱེད་པའི་འཇིགས་སྐུལ་དང་གཡོ་ཟོལ་རང་བཞིན་ཅན་གྱི་ཁ་ཚིག་ཙམ་ལ་ཉན་ནས་རང་གར་ཁོང་ཚོར་མ་སྟེར། གལ་སྲིད་སྤྱི་དམངས་ཞིག་གི་ལམ་ཡིག་ལས་བྱེད་པས་བཙན་དབང་དང་གཡོ་སྒྱུའི་ངང་ནས་ཕྱིར་བསྡུད་བཙན་ཉར་བྱས་བ་ཡིན་ན། སྤྱི་དམངས་ཀྱིས་དེའི་སྐོར་གྱི་དཔང་རྟགས་གསོག་གཉེར་བྱས་ནས་རྫོང་ངམ་དེའི་ཡན་གྱི་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་ལ་ཞུ་འབུལ་བྱས་ཏེ་སུན་འབྱིན་བྱེད་དགོས། གལ་སྲིད་སྤྱི་བདེ་ལས་ཁུངས་དང་སྲིད་གཞུང་གིས་ཞུ་འབུལ་ལ་ཐག་ཆོད་དྲང་བདེན་མ་བྱས་ན། སྤྱི་དམངས་ཀྱིས་སྤྱི་བདེ་ལས་ཁུངས་སམ་སྲིད་གཞུང་གྱོད་ཡར་བཞག་ནས་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་གཏུག་ཞུ་ཆོག་པ་མ་ཟད། གོང་གི་སྲིད་འཛིན་ལས་ཁུངས་དག་ལ་ཞུ་འབུལ་གྱི་བརྒྱུད་རིམ་མ་བརྒྱུད་པར་ཐད་ཀར་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་བྱས་ན་ཆོག མངག་གཏོང་ཁང་གི་ལམ་ཡིག་ཕྱིར་བསྡུད་དང་བཙན་ཉར་གྱི་ཆེད་དུ་སྤྱི་དམངས་ལ་སྒོར་ཆད་བཅད་ཚེ། སྤྱི་དམངས་ཀྱིས་མངག་གཏོང་ཁང་གྱོད་ཡར་བཞག་སྟེ་ཁྲིམས་འཛིན་གཏུག་བཤེར་གྱི་གྱོད་གཏུག་བྱེད་དགོས།
[caption id=”attachment_827” align=”aligncenter” width=”329”] གཡག་གི་སྙིང་སྟོབས།[/caption]
སྲིད་གཞུང་གི་ལས་བྱེད་པས་སྤྱི་དམངས་ཀྱི་ཕྱི་བསྐྱོད་ལམ་ཡིག་གི་ཐོབ་ཐང་ལ་གནོད་འཚེ་བྱས་ཚེ། སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལམ་ཡིག་གི་ཁྲིམས་དང་། རྒྱལ་མཚམས་ནས་ཕྱིར་བསྐྱོད་ནང་ལོག་དོ་དམ་གྱི་ཁྲིམས་སྲོལ། སྲིད་འཛིན་གཏུག་བཤེར་ཀྱི་ཁྲིམས་སོགས་ལ་བརྟེན་ནས་ཁྲིམས་གཏུག་བྱེད་པའམ། གོང་རིམ་གྱི་སྲིད་གཞུང་ལ་སྙན་ཞུ་བྱས་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་དགོས་བ་མ་ཟད། ཁྲིམས་འགལ་གྱི་བྱ་སྤྱོད་ལས་མཁན་རྣམས་མི་དམངས་ཞིབ་དཔྱོད་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས་ལ་སྙན་གསང་ཞུ་ནས་གང་ཟག་དེ་དག་གི་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱས་ཏེ། ཁྲིམས་བཤིག་འགན་འཁྲི་ལ་ཁྲིམས་འཛིན་ལས་ཁུངས་ཀྱིས་བདའ་འདེད་དང་ཆད་པ་གཅོད་དུ་འཇུག་དགོས།
གང་ཟག་དང་ལས་ཁུངས་སུ་གང་གིས་སྤྱི་དམངས་ཀྱི་ཕྱི་བསྐྱོད་ལམ་ཡིག་གི་ཐོབ་ཐང་ལ་གནོད་འཚེ་བྱས་ན། སོ་སོའི་ས་གནས་དང་འཚམ་པའི་གཤམ་གྱི་ཁ་པར་བརྒྱུད་ནས་སྙན་གསེང་དང་སུན་འབྱིན་བྱེད་དགོས། ལས་ཁུངས་འདི་དག་ནི་མང་ཚོགས་ཀྱི་ཕྱི་བསྐྱོད་ལམ་ཡིག་ཐད་ཀྱི་དཀའ་ངལ་སེལ་བའི་ཆེད་དུ་བཙུགས་པའི་གཞུང་གི་ལས་ཁུངས་ཤ་སྟག་རེད།
- བོད་ལྗོངས། ༠༨༩༡ ༦༣༡༡༢༢༤ 0891-6311224
- མཚོ་སྔོན་ཞིང་ཆེན། ༠༩༧༡ ༨༢༩༢༡༦༢ 0971-8292162
- ཀན་སུའུ་ཞིང་ཆེན། ༠༩༣༡ ༨༥༣༦༤༦༠ 0931-8536460
- ཡུན་ནན་ཞིང་ཆེན། ༠༨༧༡ ༦༣༠༥༡༢༡༨ 0871-63051218
- ཟུ་ཁྲོན་ཞིང་ཆེན། ༠༢༨ ༨༦༣༠༡༤༥༣ 028-86301453
- པེ་ཆིན་གྲོང་ཁྱེར། ༠༡༠ ༨༤༠༡༥༣༠༠ 010-84015300
- སྤྱི་བདེ་པུའུ། ༠༡༠ ༦༦༢༦༦༤༠༠ 010-66266400
ལམ་ཡིག་གི་སྐོར་གྱི་ཁྲིམས་ལུགས།
http://www.gov.cn/xinwen/2015-12/28/content_5028422.htm
http://www.gov.cn/xinwen/2015-12/28/content_5028422.htm