དེང་སང་དྲ་ཐོག་ན་༼བོད་ཡིག་མ་སྦྱངས་ན་ཁྲིམས་འགལ་རེད་༽ཟེར་བའི་རྩོམ་ཞིག་བརྒྱུད་བསྐུར་མང་བོ་བྱེད་བཞིན་འདུག རྩོམ་གྱི་མིང་ནི་དེ་ལྟར་བཏགས་མོད་ཀྱང་རྩོམ་གྱི་བརྗོད་བྱ་ནི་༡༩༨༧་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་བཟོས་པའི་༼བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་གཏན་འབེབས་༽(ཚོད་ལྟ་མ་)་དེ་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན་པའི་ཁྲིམས་ཡིག་རང་རེད། ༼གཏན་འབེབས་ཚོད་ལྟ་མ་༽དེ་ཡང་༢༠༠༢་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་བསྐྱར་བཅོས་བྱས་ཏེ། སྔོན་གྱི་༼གཏན་འབེབས་ཚོད་ལྟ་མ་༽དེ་ནུས་མེད་དུ་བཟོས་ཤིང་༼བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་གཏན་འབེབས་༽ཞེས་པའི་ གཏན་འབེབས་གསར་བ་ཞིག་གསར་བཟོ་བྱས་པ་རེད། གཏན་འབེབས་གསར་བ་དེ་ཡིས་༼གཏན་འབེབས་ཚོད་ལྟ་མའི་༽གཏན་འཁེལ་ལེགས་ཤོས་ཚང་མ་ཕྱིར་འཐེན་དང་ནུས་མེད་དུ་བཟོས་ནས་བོད་སྐད་ཡིག་གི་ཐོབ་ཐང་གཟུགས་བརྙན་ཙམ་དུ་བྱས་ཡོད་པས། བློ་མཐུན་བཀྲ་ཤིས་ཚེ་རིང་སོགས་ཀྱིས་གཏན་འབེབས་གསར་བ་དེ་ལ་དགག་པ་ཚ་ནན་བརྒྱབ་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་གི་ཁྲིམས་བཟོ་གནས་བབས་ལ་གསལ་རྟོགས་བྱུང་བའི་ཆེད་དུ། གཤམ་ནས་གཏན་འབེབས་གསར་རྙིང་གི་ཁྲིམས་ཡིག་ཤན་སྦྱར་བྱས་ཏེ་སྤེལ་ཡོད། ཡི་གེ་དམར་པོ་སྟེང་བྲིས་ཡོད་པ་དེ་ནི་༡༩༨༧་ལོར་བཟོས་པའི་༼གཏན་འབེབས་ཚོད་ལྟ་མའི་༽ཁྲིམས་ཡིག་ཡིན་པ་དང་། ཁྲིམས་ཡིག་དེ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་མཁན་གངས་ཆུ་མིག་ཡིན་ལ་དྲ་ཐོག་ནས་རྒྱུགས་ཆེ་བའི་ཁྲིམས་ཡིག་དེ་ཡང་འདི་ཉིད་ཡིན། ཡིན་ནའང་༢༠༠༢་ལོར་གཏན་འབེབས་དེ་ནུས་མེད་དུ་བཟོས་ཟིན་པ་རེད། ཡི་གེ་ནག་པོ་སྟེང་དུ་བྲིས་ཡོད་པ་དེ་ནི་༢༠༠༢་ལོར་བསྐྱར་བཅོས་དང་གསར་བཟོ་བྱས་པའི་གཏན་འབེབས་གསར་བའི་ཁྲིམས་ཡིག་ཡིན་པ་དང་། བསྒྱུར་མཁན་ཁྲིམས་གླེང་དྲ་རྒྱ་ཡིན་ལ་ད་ལྟ་ལག་བསྟར་ལྟར་སྣང་ཙམ་བྱེད་བཞིན་པའི་གཏན་འབེབས་ཀྱང་འདི་ཉིད་ཡིན་ནོ། ད
བོད་རང་སྐྱོང་ལྗོངས་ཀྱིས་བོད་ཡིག་སློབ་སྦྱོང་དང་བེད་སྤྱོད་འཕེལ་རྒྱས་གཏོང་རྒྱུའི་གཏན་འབེབས་རེ་འགའ། (ཚོད་ལྟ།)(གཏན་འབེབས་འདི་ནུས་མེད་དུ་བཟོས་ཟིན།)
བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་འཕེལ་རྒྱས་སྐོར་གྱི་གཏན་འབེབས། (༡༩༨༧ལོའི་ཟླ་༧་པའི་ཚེས་༩་ཉིན། བོད་རང་སྐྱོང་ལྗོངས་སྐབས་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་བའི་སྟེང་དུ་ཆོག་མཆན་ཐོབ་པ་དང་། ༢༠༠༢་ལོའི་ཟླ་༥་པའི་ཚེས་༢༢་ཉིན། བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་ལྔ་བའི་སྟེང་དུ་བཟོ་བཅོས་བྱས།)
དོན་ཚན་དང་པོ། བོད་ཀྱི་སྐད་ཡིག་ནི་ང་ཚོའི་ས་ཁུལ་གྱི་སྤྱི་མཐུན་སྐད་ཡིག་ཡིན། དེ་བས་ང་ཚོས་བོད་ཀྱི་སྐད་ཡིག་འགན་སྲུང་བྱ་བའི་ཆེད་དུ་བོད་ཡིག་ལ་སློབ་སྦྱོང་བྱ་དགོས་པ་མ་ཟད། ད་དུང་ང་ཚོས་བེད་སྤྱོད་དང་དར་སྤེལ་གཏོང་དགོས། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་»དང་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་»ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ང་ཚོས་བེད་སྤྱོད་གཏོང་བཞིན་པའི་སྐད་ཡིག་དང་ལོ་རྒྱུས་དངོས་ཡོད་ཀྱི་གནས་ཚུལ་ལ་དམིགས་ནས་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་དང་པོ། བོད་སྐད་ཡིག་ནི་ང་ཚོའི་རང་སྐྱོང་ལྗོངས་གྱི་སྤྱི་སྤྱོད་སྐད་ཡིག་ཡིན། དེ་བས་ང་ཚོས་བོད་ཀྱི་སྐད་ཡིག་འགན་སྲུང་བྱ་བའི་ཆེད་དུ་བོད་ཡིག་ལ་སློབ་སྦྱོང་བྱ་དགོས་པ་མ་ཟད། ད་དུང་ང་ཚོས་བེད་སྤྱོད་དང་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ང་ཚོས་བེད་སྤྱོད་གཏོང་བཞིན་པའི་སྐད་ཡིག་དང་ལོ་རྒྱུས་དངོས་ཡོད་ཀྱི་གནས་ཚུལ་ལ་དམིགས་ནས་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན། དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྐད་ཡིག་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་དང་མི་རིགས་ཀྱི་སྐད་ཡིག་སྲིད་ཇུས་ལག་བསྟར་ནན་ཏན་བྱ་དགོས། ལས་ཁུངས་སོ་སོས་སྲིད་གཞུང་གི་ལས་དོན་སྒྲུབ་སྐབས་བོད་སྐད་དང་བོད་ཡིག་གཙོ་བོར་འཛིན་དགོས། སྐད་གཉིས་ཀྱི་ལམ་ནས་ཁ་བརྡ་དང་མི་རིགས་སོ་སོའི་རིག་གནས་ལ་ཕན་ཚུན་སློབ་སྦྱོང་དང་རྒྱུས་ལོན་བྱས་ནས་གྲུབ་འབྲས་བཟང་བོར་ལོན་མཁན་དག་ལ་བྱ་དགའ་སྤྲོད་དགོས། དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱིས་མི་རིགས་སོ་སོའི་སྐད་ཡིག་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཤིང་སྐད་ཡིག་གི་ཁྲིམས་སྒྲིག་གཅིག་གྱུར་ཡོང་བ་ལ་སྲུང་སྐྱོབ་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ལས་དོན་སྒྲུབ་སྐབས་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་དང་དར་སྤེལ་གྱི་ལས་དོན་ལ་གཙིགས་སུ་བཟུང་ནས་འཐུས་ཚང་བྱ་དགོས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་བོད་ཀྱི་སློབ་གྲྭ་ཆེ་ཆུང་གང་ཡིན་ཡང་ངེས་པར་དུ་བོད་ཀྱི་སྐད་ཡིག་བསླབ་བྱ་གཙོ་བོར་འཇོག་དགོས་པ་མ་ཟད། གཞན་བསླབ་གཞི་གང་ཡིན་ཡང་རྩ་བའི་ཆ་ནས་སློབ་ཁྲིད་བྱེད་སྐབས་བོད་ཀྱི་སྐད་ཡིག་གཞི་བཟུང་ནས་སློབ་ཁྲིད་བྱེད་དགོས། སློབ་མ་གསར་བསྡུའི་སློབ་རྒྱུགས་སྤྲོད་སྐབས་ཚད་གཞི་ལྡན་པའི་ཆ་རྐྱེན་ཞིག་སྐྲུན་ནས་བསླབ་གཞི་དང་མཐུན་པའི་སྒོ་ནས་བོད་ཡིག་གི་རྒྱུགས་ཤོག་བཀོད་སྒྲིག་བྱ་དགོས། བོད་ཀྱི་སློབ་ཆུང་དག་གི་སློབ་མའི་བསླབ་གཞི་ལ་བོད་ཡིག་ཆ་ཚང་བེད་སྤྱོད་བྱ་དགོས། བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་གནོད་ཤུགས་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནས་ལོ་རིམ་གོང་མ་ནས་བཟུང་རྒྱ་ཡིག་གི་སློབ་ཁྲིད་མགོ་རྩོམ་དགོས། སློབ་འབྲིང་དང་སློབ་ཆེན་ནས་བོད་ཀྱི་སློབ་མ་དག་ལ་བོད་ཡིག་གི་བསླབ་གཞི་གཙོ་བོར་བྱ་ནས་ཞོར་དུ་རྒྱ་ཡིག་དང་ཀྲུང་གོའི་སྤྱི་མཐུན་གྱི་སྐད་རིགས་སོགས་ལ་སློབ་སྦྱོང་བྱ་དགོས། བསླབ་གཞི་གཞན་གང་ཡིན་ཡང་ཚད་དང་ལྡན་སྒོ་ནས་བོད་སྐད་ཀྱི་ལམ་ནས་སློབ་ཁྲིད་གང་མགྱོགས་ལག་བསྟར་བྱ་དགོས། ད་དུང་ཆ་རྐྱེན་ཅུང་བཟང་བའི་སློབ་འབྲིང་དག་གིས་མི་རིགས་གཞན་གྱི་སྐད་ཡིག་གི་སློན་མཐུན་བཀོད་སྒྲིག་བྱ་དགོས། རྒྱ་རིགས་ཀྱི་སློབ་མའི་བསླབ་གཞི་གཙོ་བོ་ཡང་རྒྱ་ཡིག་བྱེད་དགོས་པ་དང་། རྒྱ་ཡིག་ལམ་ནས་སློབ་ཁྲིད་སྣ་ཚོགས་དང་། ལོ་རིམ་ངེས་ཅན་ཞིག་ལ་བསླེབས་དུས་བོད་ཡིག་ཟུར་སྦྱོང་གི་སློབ་ཁྲིད་དང་མི་རིགས་གཞན་པའི་སྐད་ཡིག་གི་སློབ་ཁྲིད་ཁ་བསྣོན་བྱེད་དགོས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་དབང་འཛིན་ལས་ཁུངས་ཀྱིས་ལས་དོན་སྒྲུབ་སྐབས། བོད་སྐད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་ལ་ནུས་པ་འདྲ་མཚུངས་སུ་ཡོད།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་དོན་དངོས་ནུས་ལྡན་གྱི་ཐབས་ལམ་བེད་སྤྱོད་གཏོང་ནས་བོད་མི་རིགས་ཀྱི་ཡིག་རྨོངས་པ་དག་ཡིག་རྨོངས་སེལ་དགོས། དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་ཚོགས་འདུ་གལ་ཆེན་དང་འདུ་ཚོགས་སྟེང་དུ་བོད་སྐད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་དུས་མཉམ་དུ་བཀོལ་སྤྱོད་བྱེད་པའམ་དེའི་གཉིས་ནང་གི་སྐད་ཡིག་གང་རུང་བེད་སྤྱོད་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཁེ་གཉེར་དང་ལས་དོན་ཚོགས་པའི་ལས་དོན་ཚོགས་འདུའི་སྟེང་དགོས་མཁོ་ལྟར་སྤྱི་སྤྱོད་ཀྱི་སྐད་ཡིག་གཅིག་གམ་གཉིས་བེད་སྤྱོད་བྱེད་དགོས། རིམ་པ་སོ་སོའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་སྤྱི་ལ་བཀྲམ་པའི་ཡིག་ཆ་ཁག་ལ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་གཉིས་དུས་མཉམ་དུ་བེད་སྤྱོད་བྱ་དགོས། དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱི་སྒྱུར་རྩོམ་པར་སྐྲུན་ཁང་གིས་«རྩིས་རིག་»དང་«དངོས་ལུགས་»«<རྫས་འགྱུར་>>སོགས་བོད་ཡིག་སློབ་གཞི་དང་དཔྱད་གཞི་དག་བོད་ཡིག་ལམ་ནས་མཁོ་སྤྲོད་བྱེད་དགོས། དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་ལས་དོན་ཁྲོད་དུ་དགོས་མཁོ་ལྟར་ས་ཆ་དེ་ནས་སྤྱི་སྤྱོད་བྱེད་བཞིན་པའི་སྐད་ཡིག་གཅིག་གམ་དུ་མ་བཀོལ་སྤྱོད་བྱེད་དགོས། མི་རིགས་སོ་སོས་རང་གི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་པའི་ཐོབ་ཐང་ཁག་ཐེག་བྱེད་དགོས། དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ནས་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཐབས་གསོ་སྐྱོང་ཆེ་ཆེར་བྱ་དགོས་པ་མ་ཟད། སྤྱི་ཚོགས་ཁྲོད་ནས་གདན་ཞུས་བྱས་པའི་བོད་ཡིག་དགེ་རྒན་དག་ནི་བོད་ཡིག་ཆེད་ལས་པ་འབའ་ཞིག་ཡིན་དགོས། དོན་ཚན་དྲུག་པ། འོས་འགན་སློབ་གསོའི་སྐབས་སུ། བོད་སྐད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ནི་རྨང་གཞིའི་སློབ་གསོའི་སྐབས་ཀྱི་སློབ་ཁྲིད་སྐད་ཡིག་ཡིན། བོད་སྐད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་བཙུགས་ཏེ་སྐབས་དང་བསྟུན་ནས་ཕྱིའི་སྐད་ཡིག་གི་སློབ་ཚན་ཀྱང་འཛུགས་དགོས། དོན་ཚན་བདུན་པ། རང་སྐྱོང་ལྗོངས་ནང་གི་བོད་རིགས་ལས་བྱེད་པ་དང་ལས་བཟོ་བ་གང་ཡིན་ཡང་ངེས་པར་དུ་བོད་ཡིག་ལ་སྦྱོང་བ་ཡག་པོ་ཞིག་བྱ་དགོས་པ་དང་། རྒྱ་ཡིག་ཟུར་སྦྱོང་བྱ་ནས་རྒྱ་ཡི་ལས་བྱེད་དག་ལ་བོད་ཡིག་སྦྱོང་བའི་བསྐུལ་མ་བྱ་དགོས། ད་སྐབས་ཡོད་པའི་བོད་ཀྱི་ལས་བྱེད་པ་ལོ་ཞེ་ལྔ་དང་ལས་བཟོ་བ་ལོ་བཞི་བཅུ་མན་ཆད་ཀྱི་བོད་ཡིག་མི་ཤེས་དག་གིས་བོད་ཡིག་གསར་སྦྱོང་བྱ་དགོས་པ་མ་ཟད། ལོ་གསུམ་གྱི་ནང་ནས་བོད་ཡིག་གི་རྨང་གཞི་ཐོག་བེད་སྤྱོད་གཏོང་ཐུབ་པར་སྦྱང་དགོས། ད་དུང་ལོ་གསུམ་གྱི་ནང་ནས་ཡོད་ཚད་ལྷན་དུ་བོད་ཡིག་གི་རྒྱུགས་ལ་ཞུགས་དགོས་པ་མ་ཟད། རྒྱུགས་འཕྲོད་མཁན་ལ་བསྟོད་བསྔགས་བྱེད་པ་དང་། སྦྱངས་འབྲས་གཟེངས་སུ་ཐོན་པ་ནི་གོ་གནས་སྤར་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དམག་མི་དང་ཉེན་རྟོག་པ་སོགས་ལ་བསྟུན་ཏེ་འདིའི་ནང་གཏན་འཁེལ་བྱས་པའི་དགོངས་དོན་དར་སྤེལ་གཏོང་བ་དང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་དར་སྤེལ་བྱེད་པ་དང་བོད་རིགས་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ནས་མཐུན་སྒྲིལ་བྱ་དགོས། དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་ནས། བོད་ཡིག་མི་ཤེས་པའི་བོད་རིགས་སྤྱི་དམངས་ཁྲོད་ཀྱི་ཡིག་རྨོངས་ངེས་པར་དུ་བསལ་དགོས། དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱི་ལས་ཁུངས་དང་ཁེ་ལས་སོགས་ཀྱི་ལས་གནས་སོ་སོས་བོད་རིགས་ལས་མི་བསྡུ་དགོས་པ་མ་ཟད། ལས་མི་བསྡུ་སྐབས་བོད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་དགོས་པ་ནི་གཙོ་བོའི་ཆ་རྐྱེན་དུ་འཇོག་དགོས། ད་དུང་བོད་རིགས་ལས་བྱེད་པ་དང་ལས་བཟོ་བ་སོགས་ལས་གནས་བརྗེ་སྐབས་བོད་ཡིག་གི་ཆུ་ཚད་ནི་ཆ་རྐྱེན་གཙོ་བོར་བྱེད་པ་དང་། ལས་བཟོ་བ་དང་ལས་བྱེད་བསྡུ་བའི་སྐབས་དང་། གོ་གནས་སྤར་བ་སོགས་ཆ་རྐྱེན་འདྲ་མཚུངས་ཀྱི་འོག་ནས། སྐད་གཉིས་ལ་ཅུང་ཙམ་བྱང་ཆ་ལྡན་པའི་བོད་རིགས་དང་རྒྱ་རིགས་ད་དུང་མི་རིགས་གཞན་གང་ཡིན་ཡང་དམིགས་བསལ་གྱིས་བཀར་ནས་གོ་གནས་སྔོན་སྤར་བྱེད་དགོས། དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་མི་རིགས་སོ་སོ་བར་ནས་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱེད་པར་སྐུལ་འདེད་དང་དར་ཁྱབ་བྱེད་རྒྱུ་ཡིན། བོད་རིགས་ལས་བྱེད་པ་དང་ལས་བཟོ་བས་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་སྐབས། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ངེས་པར་དུ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བྱེད་པ་དང་ལས་བཟོ་བས་ཀྱང་བོད་སྐད་ཡིག་ངེས་པར་དུ་སློབ་སྦྱོང་བྱེད་དགོས། དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱི་ལས་ཁུངས་གང་ཡིན་ཡང་མགོ་བས་རང་གི་མངའ་འོག་ན་ཡོད་པའི་ལས་ཁུངས་དང་ལས་མི་དག་ལ་ལས་དོན་གྱི་གཞུང་ཡིག་སྤྲོད་སྐབས་བོད་ཡིག་མེད་ཚེ་གོ་གནས་དམའ་བའི་ལས་མི་དག་གིས་དང་ལེན་མ་བྱས་ན་ཆོག རང་སྐྱོང་ལྗོངས་ཀྱི་མངའ་འོག་གི་འགན་ནུས་སྡེ་ཁག་དང་མི་དམངས་ཀྱི་ཚོགས་པ་སོགས་གང་ཡིན་ཡང་བོད་ཡིག་སྦྱོང་བ་ལ་དཀའ་ངལ་ཡོད་རིགས། ཆ་རྐྱེན་གང་ལེགས་འདོན་པ་དང་རང་ངོས་ནས་གཏན་འབེབས་བྱས་ནས་ལོ་གཉིས་ཀྱི་ནང་ནས་གཞུང་ཡིག་བོད་ཡིག་ཐོག་འབྲི་བ་དང་། རྫོང་མན་ཆད་ཀྱི་གཞི་རིམ་སྲིད་གཞུང་གི་ལས་ཁུངས་དག་གིས་གོང་ཞུ་ཡིག་ཆ་བོད་ཡིག་ཁོ་ནའི་ཐོག་ནས་འབྲི་ཆོག་པ་དང་། རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་ལས་རིགས་གཞན་གང་ཡིན་ཡང་ཧུར་ཐག་གིས་ཆ་རྐྱེན་བསྐྲུན་ནས་བོད་ཡིག་གཙོ་བོ་བྱ་དགོས་ཤིང་། ཁུལ་ནང་གི་སྦྲག་སྲིད་ཁང་དང་དངུལ་ཁང་ཚོང་ཁྲོམ་སོགས་མང་ཚོགས་ལ་ཐད་ཀར་འབྲེལ་བ་ཡོད་པའི་ས་གནས་དག་ནས་བོད་ཡིག་ཐོག་གཙོ་བོ་ཞབས་ཞུ་བྱ་་རྒྱུ་དང་།དེ་དང་ལྷན་དུ་རྒྱ་ཡིག་ཀྱང་བེད་སྤྱོད་བྱ་དགོས། དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་གི་སྒོ་ནས་སློབ་གསོ་དང་གསར་འགྱུར། དཔར་བསྐྲུན་དང་རྒྱང་བསྒྲགས་དང་གློག་བརྙན་བརྙན་འཕྲིན་བཅས་ཀྱི་ལས་དོན་དར་སྤེལ་བྱེད་དགོས། བོད་སྐད་ཡིག་གི་ན་གཞོན་དང་བྱིས་པའི་ཀློག་དེབ་དང་། དམངས་མོས་དང་ཚན་རིག་ཁྱབ་བསྒྲགས་བཅས་ཀྱི་ཀློག་དེབ་ལ་དོ་སྣང་ཆེན་པོ་བྱེད་དགོས། བོད་སྐད་ཡིག་གི་སྒོ་ནས་ཚན་རིག་ཞིབ་འཇུག་བྱེད་པའི་ལས་ཁུངས་དང་མི་སྣ། རིག་རྩལ་ལས་མི་བཅས་ཀྱི་ཚན་རིག་ཞིབ་འཇུག་དང་རིག་རྩལ་བརྩམས་ཆོས་དང་འཁྲབ་སྟོན་བཅས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ། རང་སྐྱོང་ལྗོངས་ཀྱིས་ཐབས་ལམ་སྤྱད་ནས། བོད་ཡིག་དགེ་རྒན་དང་རྩོམ་སྒྲིག་པ་དང་གསར་འགོད་པ། རྩོམ་པ་པོ་དང་དྲུང་ཡིག་སོགས་བསྐྱེད་བསྲིངས་བྱེད་པ་དང་། བོད་སྐད་ཡིག་གི་ཆེད་ལས་མི་སྣའང་བསྐྱེད་བསྲིངས་བྱེད་པ། དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ནང་གི་རིམ་པ་མཐོ་དམན་གྱི་སྲིད་གཞུང་གི་ལས་ཁུངས་སོ་སོ་དང་མི་དམངས་ཀྱི་ཚོགས་པ་དང་ཁེ་ལས་གཉེར་མཁན་སོགས་ལས་མི་དག་གིས་ཚོགས་འདུ་སྣ་ཚོགས་འཚོགས་སྐབས་བོད་སྐད་གཙོ་བོ་བེད་སྤྱོད་བྱ་རྒྱུ་དང་ཞོར་དུ་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་བྱ་དགོས། དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་དབང་འཛིན་ལས་ཁུངས་དང་ལས་གཉེར་ཚོགས་པ་བཅས་ཀྱིས་ལས་བྱེད་པ་དང་ཆེད་མཁས་མི་སྣ་བསྡུ་སྐབས། བོད་སྐད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བྱང་ཆ་ལྡན་མཁན་ལ་ཆ་རྐྱེན་ཚང་བའི་མི་གཞན་ལས་དམིགས་བསལ་གྱི་ཐོབ་ཐང་སྤྲོད་པ། དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་ཁུངས་སོ་སོ་དང་མང་ཚོགས། ཁེ་ལས་གཉེར་མཁན་གྱི་ལས་གནས་དང་སྒོ་བྱང་དཔང་ཡིག་ཐམ་ཀ་སོགས་ལ་བོད་ཡིག་བཀོལ་དགོས་པ་མ་ཟད། ལྗོངས་ཕྱི་ནང་གི་སྲང་བར་དང་ཚོང་ཁང་གཉེར་མཁན་དང་དེ་མིན་གྱི་ཞབས་ཞུ་སྡེ་ཁག་གང་ཡིན་ཡང་བོད་རྒྱ་གཉིས་ལྡན་གྱི་སྐད་ཡིག་བེད་སྤྱོད་བྱ་དགོས། ད་དུང་རང་ཁུལ་གྱི་ཐོན་སྐྱེད་དང་ཚོང་རྟགས། དངོས་པོའི་རིན་གོང་སོགས་གང་ཡིན་ཡང་བོད་རྒྱ་གཉིས་ལྡན་གྱི་སྐད་ཡིག་བེད་སྤྱོད་བྱ་དགོས། དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་ཁུངས་སོ་སོ་དང་མང་སྒྲུབ་ཚོགས་པ། ལས་གཉེར་ལས་ཁུངས་དང་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་ན་བཅའ་སྡོད་བྱེད་བཞིན་པའི་ལས་ཁུངས་བཅས་ཀྱི་སྒོ་བྱང་དང་དཔང་རྟགས་ཡིག་ཆ། ཐམ་ཀ་བཅས་ཀྱི་སྟེང་དུ་བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ངེས་པར་དུ་མཉམ་པོར་བཀོལ་དགོས། གྲོང་ཁྱེར་གྱི་སྤྱི་སྤྱོད་མཁོ་ཆས་དང་ཚོང་ཁང་གི་སྒོ་བྱང་། ཁྱབ་བསྒྲགས་བཅས་ཀྱི་སྟེང་དུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཀྱི་ཡི་གེ་མཉམ་པོར་འབྲི་དགོས་པ་མ་ཟད། བྲིས་པའི་ཡེ་གེ་དེ་དག་ཀྱང་ཚད་དང་མཐུན་པ། སྤུས་དང་འགྱུར་དག་པ་ཞིག་ངེས་པར་དུ་ཡིན་དགོས། དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་གཅོད་ཁང་གིས་ངེས་པར་དུ་བོད་མི་རིགས་ཀྱིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་བཏང་ནས་གཏུག་བཤེར་བྱེད་པའི་དབང་ཆ་ལ་འགན་སྲུང་བྱ་དགོས་པ་དང་རང་གི་སྐད་དང་ཡི་གེའི་ཐོག་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། བོད་མི་གྱོད་དོན་གཏུག་བཤེར་དུ་ཞུགས་མཁན་དག་ལ་གནས་ཚུལ་བོད་ཡིག་ཐོག་ནས་ཞིབ་གཅོད་དང་བཅའ་ཁྲིམས་ཀྱི་ཡིག་ཆའང་བོད་ཡིག་ཡིན་དགོས། དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱི་ཁེ་གཉེར་ལས་ཁང་གིས་རང་སྐྱོང་ལྗོངས་ནང་དུ་ཕྱིར་འཚོང་བྱེད་པའི་ཚོང་རྫས་ཀྱི་ཕྱི་ཤོག་དང་གསལ་བཤད་ཡི་གེ་ཁག་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་ཡི་གེ་གཉིས་ཀྱིས་མཉམ་པོར་འབྲི་དགོས། རང་སྐྱོང་ལྗོངས་ནང་གི་ཞབས་ཞུ་ལས་རིགས་ཁག་གི་མིང་བྱང་དང་ཚོང་གཉེར་རྣམ་གྲངས། རིན་གོང་གསལ་བཤད། འཛིན་བྱང་བཅས་ཀྱི་སྟེང་དུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དུས་མཉམ་པར་བཀོལ་སྤྱོད་བྱེད་དགོས། དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ནས་བོད་ཡིག་མ་ཉམས་དར་སྤེལ་དང་ཉམས་པ་སླར་གསོ་བྱེད་པའི་ཆེད་དུ་གསར་འགྱུར་ཁང་དང་རྒྱང་སྒྲོག་ཁང་། དཔེ་སྐྲུན་ཁང་། གློག་བརྙན་དང་བརྙན་འཕྲིན་གྱི་བྱ་བཞག་གཉེར་མཁན་དག་གིས་འབད་པ་བྱ་དགོས་པ་མ་ཟད། བྱིས་པའི་སློབ་དེབ་བོད་ཡིག་ལམ་ནས་དཔར་རྒྱུ་དང་། དེ་བཞིན་བོད་ཡིག་གོ་བདེ་ཀློག་བདེའི་ངང་ནས་ཚན་རྩལ་ཁྱབ་གདལ་ཀློག་དེབ་དང་ཁུལ་ནང་གི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། རིག་གཞུང་དང་རིག་རྩལ་ཚོགས་པ། སྒྱུ་རྩལ་སློབ་གྲྭའི་སྐད་ཡིག་གི་སློབ་དེབ་ལ་ཚན་རིག་གི་ཞིབ་འཇུག་གནང་བ་དང་རིག་རྩལ་གསར་རྩོམ་དང་འཁྲབ་སྟོན་བྱེད་པའི་ཕྱོགས་ནས་སྐུལ་མ་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་དོན་དངོས་འབྲས་ལྡན་གྱི་ཐབས་ལམ་བེད་སྤྱད་དེ་བོད་ཀྱི་རྩོམ་འབྲི་བ་དང་གསར་འགོད་པ་རྩོམ་པ་པོ་དང་། དྲུང་ཡིག་པ་དང་ལོ་ཙཱ་བ་སོགས་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱ་དགོས། དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་ལས་ཁུངས་ཀྱིས་ངེས་པར་དུ་བོད་སྐད་ཡིག་གི་སློབ་སྦྱོང་དང་བཀོལ་སྤྱོད་ལ་ལྟ་རྟོག་དོ་དམ་བྱས་ཏེ། བོད་སྐད་ཡིག་གི་ཚད་ལྡན་ཞིབ་འཇུག་ལ་ཤུགས་བརྒྱབ་ནས་བོད་སྐད་ཡིག་གི་དར་སྤེལ་ལ་སྐུལ་འདེད་བྱེད་པ། དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་དམན་གྱི་ལས་ཁུངས་སོ་སོ་དང་མང་ཚོགས་རྣམས་དང་ཁེ་ལས་པ་དག་གིས་རང་གི་དགོས་མཁོ་དང་བསྟུན་ནས་ལོ་ཙཱ་བྱེད་མཁན་གྱི་མི་སྣ་དག་གསོ་སྐྱོང་བྱེད་དགོས། དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཐབས་ཤེས་སྤྱད་ནས་ལོ་ཙཱ་བ་བསྐྱེད་བསྲིང་བྱེད་པ་དང་། བོད་ཡིག་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དབར་གྱི་སྐད་སྒྱུར་ཡིག་སྒྱུར་གྱི་ལས་དོན་ལ་དོ་སྣང་དང་གཙུགས་སུ་འཛིན་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་ལས་ཁུངས་ཀྱིས་བོད་ཡིག་གི་བརྡ་ཆད་བཀས་བཅད་བྱེད་པ་དང་། འགྱུར་གྱི་ཆུ་ཚད་ཚད་ལྡན་རང་བཞིན་དང་བཀོད་འདོམས་རང་བཞིན་ཅན་ལ་སྐུལ་འདེད་བྱེད་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་དབང་འཛིན་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་གཉེར་ཚོགས་པ་བཅས་ཀྱིས་དགོས་མཁོ་ལྟར་སྐད་སྒྱུར་ཡིག་སྒྱུར་གྱི་ལས་ཁུངས་འཛུགས་པའམ་སྐད་སྒྱུར་མི་སྣ་བསྐོ་འཇོག་བྱེད་དགོས། དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ནས་བོད་ཡིག་དར་སྤེལ་གཏོང་བའི་ཆེད་དུ་མི་སྣ་བཀོད་སྒྲིག་བྱེད་ནས་བོད་ཡིག་སྦྱོང་བ་ལ་འབད་བརྩོན་དང་བེད་སྤྱོད་བྱེད་དགོས་པ་མ་ཟད། བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་དང་རིག་གཞུང་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་བརྩི་སྲུང་དང་བོད་ཡིག་སྦྱོང་བ་དང་བེད་སྤྱོད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་གཞིའི་མིང་དང་བརྡ་ཆད་གཅིག་བསྒྱུར་བྱ་སྟེ་ཐོན་སྐྱེད་དང་བསྟུན་ནས་མིང་ཚིག་གསར་གཏོད་དང་དེ་དག་ཚད་དང་ལྡན་པའི་སྒོ་ནས་དར་སྤེལ་བྱ་དགོས། དོན་ཚན་བཅོ་ལྔ་པ། རྫོང་དང་དེའི་ཡན་གྱི་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། དར་སྤེལ་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ལོན་མཁན་གྱི་གང་ཟག་དང་ཚོགས་པ་ལ་གཏང་རག་སྤྲད་ནས་ཆེ་བསྟོད་བརྗོད་དགོས། དོན་ཚན་བཅུ་དྲུག་པ། གོང་གི་གཏན་འབེབས་བྱས་པ་འདི་དག་ནན་ཏན་ངང་ལག་བསྟར་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྡེ་ཚན་གྱི་འགན་འཁུར་བ་དག་ལ་བསྟོད་བསྔགས་དང་བྱ་དགའ་གནང་དགོས་པ་དང་། འདི་དག་ལ་དོར་ཁུར་དང་ནན་ཏན་མི་བྱེད་པའམ་ཐ་ན་རང་འགན་སྣང་མེད་དུ་འཇོག་མཁན་དག་ལ་གཤེ་གཤེ་དང་སྲིད་གཞུང་གི་ངོས་ནས་ཆད་པ་གཅོད་ངེས་ཡིན། དོན་ཚན་བཅུ་དྲུག་པ། གཏན་འབེབས་འདིའི་དོན་ཚན་༡༡་པ་ཡི་གཏན་འཁེལ་ལ་རྒྱབ་འགལ་དང་གཏོར་བཤིག་བྱེད་མཁན་བྱུང་ཚེ། རྫོང་དང་དེའི་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་ལས་ཁུངས་ཀྱིས་དུས་བཅད་ལྟར་ཡོ་བསྲང་བྱེད་དགོས་པའི་བཀའ་བརྡ་གཏོང་དགོས། དོན་ཚན་བཅུ་བདུན་པ། གཏན་འབེབས་འདིའི་དོན་ཚན་༡༢་གྱི་གཏན་འཁེལ་ལ་རྒྱབ་འགལ་དང་གཏོར་བཤིག་བྱེད་མཁན་བྱུང་ཚེ། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་དུས་བཅད་ལྟར་ཡོ་བསྲང་བྱ་དགོས་པའི་བཀའ་བརྡ་གཏོང་དགོས། དོན་ཚན་བཅོ་བརྒྱད་པ། གཏན་འབེབས་འདིའི་དོན་ཚན་གཞན་ལ་རྒྱབ་འགལ་བྱེད་མཁན་བྱུང་ན། རྫོང་དང་དེ་ཡན་གྱི་མི་དམངསྲིད་གཞུང་གི་བོད་སྐད་ཡིག་ལས་དོན་ལས་ཁུངས་ཀྱིས་རྒྱབ་འགལ་བྱེད་མཁན་ལ་སྐྱོན་བརྗོད་སློབ་གསོ་གཏོང་བའམ། ཡང་ན་རྒྱབ་འགལ་བྱེད་མཁན་གྱི་ལས་ཁུངས་ཀྱིས་གང་ཟག་དེ་ལ་སྲིད་འཛིན་ཆད་པ་གཅོད་དགོས། དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་འདིའི་གཏན་འཁེལ་ལྟར་ལག་བསྟར་ཐབས་ལམ་ཞིབ་ཕྲ་གཏན་འཁེལ་བྱེད་དགོས།