མཚོ་སྔོན་སྤྱི་བཤད།

 

ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ། རྩོམ་སྒྲིག་པ།:གཡང་སྐྱིད།

མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་ནུབ་ཕྱོགས་ཀྱི་མཚོ་བོད་མཐོ་གཞོངས་སུ་ཆགས་ཡོད་ལ། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་ཏེ་ཀྲུང་གོའི་ཆུ་མཛོད་ཆེན་པོ་ཞེས་སུ་གྲགས། མངའ་ཁོངས་སུ་རྒྱལ་ཡོངས་ན་ཆེས་ཆེ་བའི་ཚྭ་མཚོ་སྟེ་མཚོ་སྔོན་པོ་ཡོད་ལ། མཚོ་སྔོན་ཞེས་པའི་མིང་དེ་ཡང་འདི་ལས་ཐོགས། ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༧༢.༢༣ཡོད། ཤར་བྱང་མཚམས་ལ་སྤྱི་ལེ༡༢༠༠ཡོད། ལྷོ་བྱང་མཚམས་ལ་སྤྱི་ལེ༨༠༠ཡོད། མངའ་ཁོངས་སུ་ཁུལ༦དང་ས་ཁུལ༡དང་གྲོང་ཁྱེར༡བཅས་ཡོད། རྫོང་རིམ་པའི་སྲིད་འཛིན་ལས་ཁུངས༤༦ཡོད། ༢༠༠༨ལོར་བསྡོམས་པས་མི་གྲངས་ཁྲི་ཚོ༥༥༤.༣ཡོད། མཚོ་སྔོན་ནི་མི་རིགས་མང་པོའི་ས་ཆ་ཞིག་ཡིན་ལ། དེའི་ནང་གྲངས་ཉུང་མི་རིགས་གཙོ་བོ་ནི་

བོད་རིགས་དང་ཧོས་རིགས། སོག་རིགས། ཟ་ལར་རིགས། ཧོར་རིགས་བཅས་ཡིན། གྲངས་ཉུང་མི་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི༤༢.༧༦ཟིན་ཡོད་ལ། ཉེ་འཁོར་དུ་བོད་ལྗོངས་དང་ཞི་ཅིང་། ཀན་སུའུ། སི་ཁྲོན་དང་སྦྲེལ་ཡོད། མཚོ་སྔོན་གྱི་གནམ་གཤིས་ནི་མཐོ་གཞོངས་སྐམ་ས་ཅན་གྱི་གནམ་གཤིས་ཁོངས་སུ་གཏོགས་ཤིང་། ཉི་འོད་ཕོག་ཡུན་རིང་ལ། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་ལ་དབྱར་དུས་ཚ་བས་མི་གནོད་ཅིང་། དགུན་དུས་གྲང་ངར་གྱིས་མི་གཙེ་བའི་ཁྱད་ཆོས་ལྡན། 

མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། རྨ་ལྷོ་ཁུལ་བཅས་ལས་བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་བྱས་པའི་གྲངས་ཀ་ལྟར་ན་མཚོ་སྔོན་གྱི་སྤྱིའི་མི་གྲངས༥༦༢༦༧༢༢ཀྱི་ཁྲོད་བོད་རིགས་མི་གྲངས༡༣༧༥༠༦༢ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི༢༤.༤༤%ཟིན་ཡོད་པ་རེད། 

༡ ཟི་ལིང་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་སྡོད་གནས་ཟི་ལིང་དུ་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༧༦༦༥ཡི་ཁྲོད་གྲོང་ཁྱེར་སྡོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༣༥༠དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༧༥ཡོད། མངའ་ཁོངས་སུ་ཤར་གྲོང་དང་། དབུས་གྲོང་། ནུབ་གྲོང་། བྱང་གྲོང་བཅས་གྲོང་ཁྱེར་གྱི་ཁུལ་བཞི་དང་། གསེར་ཁོག ཙོང་ཁ། སྟོང་སྐོར་བཅས་རྫོང་གསུམ། དེ་མ་ཟད་འཛུགས་སྐྲུན་བྱེད་བཞིན་པའི་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(རྒྱལ་ཁབ་རིམ་པ)དང་། ལྷོ་གྲོང་ཁུལ་གསར། ཧའེ་ཧུའུ་ཁུལ་གསར་བཅས་འདུས་པ་རེད། གྲོང་ཁྱེར་ཡོངས་སུ་རྒྱུན་སྡོད་མི་གྲངས་ཁྲི༢༢༠.༨༧༠༨ཀྱི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས༥༧༣༤༩༡ཡོད་ཅིང་། དེས་སྤྱིའི་མི་གྲངས་ཀྱི༢༥.༩༦%ཟིན་པ་དང་། བོད་རིགས་མི་གྲངས༡༢༡༦༦༧ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི༥.༥༡%ཟིན་ཡོད་པ་རེད། ཟི་ལིང་དུ་རྒྱ་རིགས་དང་། ཁ་ཆེ་རིགས། བོད་རིགས། ཧོར་རིགས་སོགས་མི་རིགས༣༤ཡོད། 

   ༢ མཚོ་ཤར་ས་ཁུལ། མཚོ་སྔོན་པོའི་ཤར་ཕྱོགས་སུ་ཡོད་པའི་མཚོ་ཤར་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༡༢༨༠༡ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་དམར་གཙང་རྫོང་དམར་གཙང་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་དམར་གཙང་དང་། གྲོ་ཚང་། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། གཞོང་ཐང་ངམ་མཛོ་མོ་ཁ་ཆེ་རིགས་རང་སྐྱོང་རྫོང་། བར་ལུང་ཁ་ཆེ་རིགས་རང་སྐྱོང་རྫོང་། ཡ་རྫི་ས་ལར་རིགས་བཅས་རྫོང་ཁག་དྲུག་དང་། གྲོང་རྡལ་དང་ཡུལ་ཚོ༡༥༠ སྡེ་བ༡༨༠བཅས་ཡོད། སྤྱིའི་མི་གྲངས་ཁྲི༡༤༧(༢༠༠༤ལོ)ཡོད་པའི་ཁྲོད་གཙོ་བོ་རྒྱ་རིགས་དང་། གཞན་ཁ་ཆེ་རིགས། བོད་རིགས། ཧོར་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད། 

       ༣ ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་དང་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དུ་མངའ་བའི་ཡུལ་ཤུལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༢༦.༧ཡོད་པ་དང་། ཁུལ་སྲིད་གཞུང་སྡོད་གནས་ཡུལ་ཤུལ་རྫོང་དུ་ཡོད་། མངའ་ཁོངས་སུ་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་ཁག༦དང་། གྲོང་རྡལ༡༠ ཡུལ་ཚོ༣༥སྡེ་བ༢༥༧བཅས་ཡོད་པ་རེད། སྤྱིའི་མི་གྲངས་ཁྲི༢༨.༣༡གི་ཁྲོད་བོད་རིགས་མི་གྲངས་ཁྲི༢༦.༩༨ཡོད། དེས་སྤྱིའི་མི་གྲངས་ཀྱི༩༥.༣%ཟིན་ཡོད་པ་རེད། 

  •        ༤ མགོ་ལོག་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས། མཚོ་བོད་མཐོ་ཐང་གི་དཀྱིལ་དབུས་ཀྱི་ཨ་ཆེན་གངས་རི་དང་ཨ་མྱེས་རྨ་ཆེན་སྦོམ་ར་གཉིས་ཀྱི་བར་འཚམས་སུ་ཆགས་ཡོད། ཤར་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང༌། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་འབྲེལ་ཞིང༌། ལྷོ་ནས་ཟི་ཁྲོན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ནུབ་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། བྱང་ནས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ༌། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ལ་འདབ་འབྲེལ་བྱས་ནས་ཡོད། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ ༦、༦མཆིས་ཤིང༌། ཆ་སྙོམས་མཚོ་འཕགས་མས༤༢༠༠ཡན་ཡིན། ས་ཆ་ཧྲིལ་བོ་མཐོ་གྲང་དབྱང་དཀོན་དང༌། གནམ་གཤིས་ངན་ཞན། རླུང་ཁམས་ཆེན་པོའི་བང་རིམ་གྱི་དབྱང་འདུས་ཚད་རྒྱ་མཚོ་ངོས་ཀྱི༦༠%ཙམ་དང༌། ལོ་སྙོམས་ཆར་ཆུ་འབབ་ཚད་ཧོ་མས༤༠༠ནས༧༠༠བར་ཡིན་ལ། ལོ་སྙོམས་དྲོ་གྲང་ཧྲི་ཚད་ཐིག་འོག༤ཡིན། ལོ་ཧྲིལ་བོར་བ་མོ་གཏན་ནས་མི་འཇོག་པའི་དུས་མེད་དོ། ད་སྐབས་བཀོལ་སྤྱོད་རུང་བའི་རྩྭ་སའི་རྒྱ་ཁྱོན་ལ་ས་མོའུ༨༨༦༠ཡོད་ཅིང༌། སྤང་སྔོ་ཁེབས་ཀྱིས་གཙོ་བོར་བྱས་པའི་སྤྱིའི་ས་ཁྱོན་གྱི༧༡%ཟིན་ཡོད། གདོད་མའི་ནགས་ཀློང་སྟུག་པོས་ཁེབ་ཆང་༢༦、༧ལ་ཟིན་པ་དང༌། གསོམ་སྡོང་དང་ཤུག་སྡོང་སོགས་ཤིང་རིགས་སྣ་ཚོགས་ཀྱིས་ཁེངས་ཤིང༌། ད་དུང་ནས་དང་སྲན་མ། ཞོག་ཀོག སྣུམ་ཚོད་སོགས་སོན་འདེབས་རུང་བའི་ཞིང་ས་ཕྲན་བུ་རེའང་ཡོད། 
  •        ༥ མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་ཕྱོགས་སུ་གནས་ཡོད། འཕྲེད་ཐིག་བྱང་མ36°44′00″~39°05′18″དང་། ཤར་གྱི་གཞུང་ཐིག98°5′00″~102°41′03″བར་དུ་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ(ནུབ་མཚོ་གྲོང་རྡལ་དུ་ཆགས་ཡོད)མངའ་ཁོངས་སུ་རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་། རྐང་ཚ་རྫོང་བཅས་གཏོགས། ཤར་ལྷོ་ཏ་ཐུན་དང་། དགོན་ལོང་། རུ་གསར། སྟོང་སྐོར་བཅས་རྫོང་དང་འབྲེལ་ཡོད། ནུབ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་འབྲེལ་ཡོད། ལྷོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་དང་མཚོ་སྔོན་པོའི་བཅད་ཡོད ། བྱང་ཀན་སུའུ་ཞིང་ཆེན་གྱི་དཔལ་རིས་དང་། ཧྲན་ཏེན། མིན་ལའོ། སུའུ་ནན་རྫོང་བཅས་ཉེ་བར་གནས། ཁུལ་ཡོངས་ཀྱི་ཤར་ནུབ་བར་སྤྱི་ལེ413.45དང་། ལྷོ་བྱང་བར་སྤྱི་ལེ261.41ཡོད།ས་ཞིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ34068.44དང་། ཞིང་ཆེན་ཡོངས་ཀྱི་ས་ཞིང་སྤྱིའི་རྒྱ་ཁྱོན་ཁྲོད་ཀྱི4.71%ཟིན། 
  •        ༦ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ(བསྡུས་མིང་དུ་མཚོ་ལྷོ་ཁུལ་ཟེར)ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་གནས་ཡོད། ཤར་མཚོ་ཤར་ས་ཁུལ་དང་རྨ་ལྷོ་ཁུལ་དང་འབྲེལ་ཡོད། ནུབ་མཚོ་ནུབ་ཁུལ་དང་འབྲེལ། ལྷོ་མགོ་ལོག་ཁུལ་དང་ཉེ་བར་གནས། བྱང་མཚོ་སྔོན་པོའི་དང་མཚོ་བྱང་ཁུལ་འབྲེལ་ཡོད། མིང་དུ་གྲགས་པའི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་ཆགས་ཡོད་པས་མཚོ་ལྷོ་ཞེས་པའི་མིང་ཐོགས།ས་བབ་གནས་ཚད་ནི་ཤར་གྱི་གཞུང་ཐིག98°55′─105°50′དང་འཕྲེད་ཐིག་བྱང་མ34°38′─37°10′ཤར་ནུབ་ཀྱི་ཞིང་ལ་སྤྱི་ལེ260དང་། ལྷོ་བྱང་བར་སྤྱི་ལེ270ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི4.45ཡོད། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི6.18%བཟུང་ཡོད། 
  •        ༧ རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་ཕྱོགས་སུ་གནས་ཡོད། 1953ལོའི་ཟླ12པའི་ཚེས22ཉིན་བཙུགས། ཤར་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དང་བསང་ཆུ་རྫོང་དང་འབྲེལ་ཡོད། ལྷོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུ་རྫོང་དང་ཉེ་བར་གནས། ནུབ་རང་རེ་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་དང་། ཀོས་ནན་རྫོང་། མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་བཅས་དང་འབྲེལ། བྱང་ཕྱོགས་མཚོ་ཤར་ས་ཁུལ་གྱི་ཧྭ་ལུང་རྫོང་དང་ཡ་རྫི་རྫོང་དང་མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་བཅས་དང་འབྲེལ་ཡོད། རང་སྐྱོང་ཁུལ་མངའ་ཁོངས་སུ་རེབ་གོང་རྫོང་། གཙན་ཚ་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བཅས་དང་བསྡོམས་པས་ཤང28དང་གྲོང་རྡལ7ཡོད།ཁུལ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1.89ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་གྱི2.63%ཟིན་ཡོད། བསྡོམས་པས་མི་གྲངས་ཁྲི21.82ཡོད། བོད། སོག རྒྱ། ཧའེ། ཧོར། ས་ལར། པའོ་ཨན་མི་རིགས་སོགས་ཡོད། གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི91.35%ཟིན་ཡོད། བོད་རིགས་ཀྱི་སྤྱིའི་མི་གྲངས་ཀྱི65.2 %ཟིན་ཡོད། ཁུལ་སྲིད་གཞུང་རོང་བོ་གྲོང་རྡལ་དུ་གནས་ཡོད་ལ། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དང་བར་ཐག་སྤྱི་ལེ181ཡོད། 

       ༨ མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་རང་རེ་ཞིང་ཆེན་གྱི་ནུབ་ཕྱོགས་ན་གནས་ཡོད། བྱང་ཕྱོགས་ཀན་སུའུ་དང་།ནུབ་ཞིན་ཅང་། ལྷོ་ན་རེ་རང་ཞིང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་དང་ཤར་རང་ཞིང་གི་མཚོ་བྱང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་དང་འབྲེལ་ཡོད། ཤར་ནུབ་སྤྱི་ལེ837ཡོད། ལྷོ་བྱང་སྤྱི་ལེ486དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ30.09དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི45.17%ཟིན་ཡོད། མངའ་ཁོངས་གཙོ་ཤས་རྒྱ་ཁྱོན་སྤྱི་ལེ་གྲུབ་བཞི་མ25.66ཡོད་པའི་ཚྭ་འདམ་གཞོང་གི་གྲུབ་ཡོད། ཁུལ་ཡོངས་ཀྱི་ཆ་སྙོམས་མཚོ་ངོས་མཐོ་ཚད་སྨི2981.5ཡིན། ཆེས་མཐོ་བ་ནི་ཁུ་ནུ་རི་བོའི་པུའུ་ཧ་ཏྰ་པན་རི་རྩེ་ཡིན་ལ་མཚོ་ངོས་མཐོ་ཚད་སྨི7720ཡིན། ཆེས་དམའ་ས་ནི་འདམ་གཞུང་མཚོ་ཁུལ་ཡིན་ལ་མཚོ་ངོས་མཐོ་ཚད་སྨི2675ཡིན།ཁུལ་ཡོངས་ཀྱི་ལོའི་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི-5.6℃-5.2℃་དང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི16.7-487.7ཡིན། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་རླངས་པར་འགྱུར་ཚད་ནི་ཧའོ་སྨི1353.9-3526.1ཡིན། དཔེ་མཚོན་ལྡན་པའི་སྐམ་ས་ཆེན་པོའི་རང་བཞིན་གྱི་གནམ་གཤིས་ཁོངས་སུ་གཏོགས།ཁུལ་ཡོངས་སུ་རྫོང་རིམ་པའི་སྲིད་འཛིན་ཆགས་ས་གྲོང་ཁྱེར་གཉིས་དང་། རྫོང་གསུམ་དང་།སྲིད་ཨུ་གསུམ་དུ་བགོས་ཡོད་པ་སྟེ། གཏེར་ལེན་ཁ་གྲོང་ཁྱེར་དང་། གོར་མོ་གྲོང་ཁྱེར། བུའུ་ལམ་རྫོང་། གཏེར་ལེན་རྫོང་། ཐེམ་ཆེན་རྫོང་། མང་ནེ་སྲིད་ཨུ། ཚྭ་འདམ་སྲིད་ཨུ། ལིན་ཧུའུ་སྲིད་ཨུ་བཅས་ཡོད། ཁུལ་ཡོངས་སུ་གྲོང་རྡལ21དང་། ཞང14དང་། དོན་བྱེད་ལས་ཁུངས8བཅས་ཡོད།