ཁྲིམས་གླེང་།

ཐོབ་ཐང་། | འདྲ་མཉམ། | སྲུང་སྐྱོབ་།

ཁྲིམས་སྐྱོང་ཞེས་བ་ཅི་ཞིག་ཡིན།

ཨ་རིན་གྱིས་བསྒྱུར། ནམ་མཁས་མཚམས་སྦྱོར་བྱས།

བོད་སྔ་རབས་ཀྱི་འབྲོག་པའི་ཡུལ་ཁྲིམས།

མཁས་དབང་ནམ་མཁའི་ནོར་བུ་ཡིས།

འབྲོག་ཡུལ་དེ་དག་ཏུ་མངའ་ཐང་ཅན་གྱི་དཔོན་པོ་དང་། ཡང་ན་དགོན་སྡེ་ཁག་གིས་བཀས་བཀོད་ཀྱིས་བཞག་པའི་ཁྲིམས་གང་ཞིག་ཀྱང་མི་འདུག་པར་མ་ཟད་མི་སྡེའི་ཚོགས་པ་གང་རུང་གིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཀྱང་མི་སྣང་ཞིང་། འོན་ཀྱང་ཡུལ་ལ་ཁྲིམས་གང་ཡང་མེད་པས་གང་བྱུང་དུ་མི་གསོད་པ་དང་། རྒྱུ་ནོར་འཕྲོག་པ་སོགས་མགོ་མཇུག་གཏན་ནས་མེད་པ་ཞིག་ཀྱང་མ་རེད།དེ་དག་གི་གནས་ལུགས་ནི་གནའ་བོའི་དུས་སུ་དར་སྲོལ་ཡོད་པའི་ལྷ་ཆོས་དང་མི་ཆོས་ཟུང་དུ་འབྲེལ་བའི་ཡུལ་ཁྲིམས་དག་རང་གཤིས་སུ་གོམས་འདྲིས་ཡུན་རིང་དུ་ཕྱིན་པའི་རྒྱུན་སྲོལ་མ་ཉམས་པ་ཞིག་ཡིན་འདུག འབྲོག་མིའི་ཡུལ་ཁྲིམས་ལ་ཞིབ་འཇུག་བྱེད་མཁན་གཙོ་བོ་ནི་འབྲོག་རུ་སོ་སོར་ཡོད་པའི་རྒན་པོ་ཞེས་བྱ་བ་འབྲོག་མི་རྒན་རིམ་བློ་ཁོག་དྲང་བ་དག་གིས་བྱེད་ཅིང་། དུས་ནི་གླང་ཟླའི་བཞི་རྒྱལ་དང་། དེར་མ་གྲུབ་པ་རྣམས་སྟག་ཟླའི་འདུ་བའི་སྐབས་སུ་ཞིབ་འཇུག་བྱེད་ཀྱི་ཡོད་འདུག

ཁྲིམས་རིག་རླུང་འཕྲིན། ༼ ༥ ༽

གྱོད་དཔེ་ཁག་ལ་རྟེན་ནས་ཁྲིམས་ལུགས་བཤད་པ། དེང་སྐབས་ཀྱི་གྲགས་ཆེ་བའི་ཉེས་དོན་གྱོད་གཞི་ཁག་ལ་དབྱེ་ཞིབ་བྱས་ནས། ཉེས་ཁྲིམས་དང་དེའི་གཏུག་བཤེར་བརྒྱུད་རིམ་ཁྲོད་ཀྱི་ཁྲིམས་ཁང་དང་གསར་ལམ་གྱི་འབྲེལ་བ། ཁྲིམས་བཟོ་དང་ཁྲིམས་འཛིན་རང་རྐྱ་ཐུབ་པའི་སྐོར་གྱི་གནས་ཚུལ་སོགས་མཚམས་སྦྱོར་བྱས་ཡོད།

བརྙན་འཕྲིན་གཉིས་པ། ཞུ་གཏུག་ཞིབ་བཤེར་དང་འཛིན་བཟུང་།

རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་མཚམས་སྦྱོར་བྱེད་པའི་མུ་འབྲེལ་འགུལ་རིས་གློག་བརྙན་ཆུང་ཆུང་འདི་ནི་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས།༽ཟེར་བའི་ལས་གཞི་ཡི་ལས་དོན་རྣམ་གྲངས་ཤིག་ཡིན། བརྙན་ཆུང་འདི་ལ་ཁྱོན་བསྡོམས་ལེའུ་ལྔ་ཡོད། ང་ཚོས་ཁྲིམས་གླེང་དྲ་ཚིགས་༼ trimleng.cn ༽བརྒྱུད་ནས་བདུན་ཕྲག་རེར་ལེའུ་གཅིག་རེ་གཏོང་གིན་ཡིན། དྲ་གྲོགས་རྣམ་པ་དུས་ལྟར་ཁྲིམས་གླེང་གི་དྲ་ཚིགས་ལ་ཕེབས་ནས་གློག་བརྙན་འདིར་གཟིགས་པར་སྤྲོ་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ།

ཁྲིམས་རིག་རླུང་འཕྲིན། ༼ ༤ ༽

ཀག་ཉར་དང་འཛིན་བཟུང་གི་ཁྱད་པར།  ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་ནང་གི་བཀག་ཉར་དང་འཛིན་བཟུང་དབར་གྱི་ཁྱད་པར་དང་རྣམ་པ། རྒྱ་ནག་གི་ཉེས་དོན་བརྒྱུད་རིམ་གྱི་ཁྲིམས་ཀྱི་ཁྱད་ཆོས།  ཉེས་དོན་བརྒྱུད་རིམ་ཁྲོད་དུ་བཙན་ཤེད་ཀྱིས་རང་ཉིད་ནག་ཉེས་ཡིན་པའི་ངོས་ལེན་བྱེད་དུ་འཇུག་མི་ཆོག་པ་དང་། ཁྲིམས་མཐུན་མིན་པའི་དཔང་རྟགས་སུན་འབྱིན་བྱེད་དགོས་བ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེས་མིང་འོག་ཉེས་འཛུགས་བྱེད་དུས་སོ་སོར་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་བའི་སྐོར་མདོར་བསྡུས་ཙམ་བཤད་པ།

ཚེ་རིང་གི་གྱོད་གཞི་ལས་ཁྲིམས་སྦྱང་བ།

རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་མཚམས་སྦྱོར་བྱེད་པའི་མུ་འབྲེལ་འགུལ་རིས་གློག་བརྙན་ཆུང་ཆུང་འདི་ནི་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས།༽ཟེར་བའི་ལས་གཞི་ཡི་ལས་དོན་རྣམ་གྲངས་ཤིག་ཡིན། བརྙན་ཆུང་འདི་ལ་ཁྱོན་བསྡོམས་ལེའུ་ལྔ་ཡོད། ང་ཚོས་ཁྲིམས་གླེང་དྲ་ཚིགས་༼ trimleng.cn ༽བརྒྱུད་ནས་བདུན་ཕྲག་རེར་ལེའུ་གཅིག་རེ་གཏོང་གིན་ཡིན། དྲ་གྲོགས་རྣམ་པ་དུས་ལྟར་ཁྲིམས་གླེང་གི་དྲ་ཚིགས་ལ་ཕེབས་ནས་གློག་བརྙན་འདིར་གཟིགས་པར་སྤྲོ་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ། <iframe src="https://www.youtube.com/embed/pw7B15BFqR0" width="560" height="315" frameborder="0" allowfullscreen="allowfullscreen"></iframe>

དུས་འཁོར་དབང་ཆེན་ཞུས་ན་ཁྲིམས་འགལ་མིན།

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་དེ་གའི་བོད་མི་རྣམས་དུས་འཁོར་དབང་ཆེན་ཞུ་བར་སོང་བའམ་དུས་དབང་ལ་རྟེན་འབྲེལ་འདུ་འཛོམས་སོགས་བྱས་ན། བྱ་སྤྱོད་དེ་ནི་སྤྱི་ཚོགས་བདེ་འཇགས་དོ་དམ་གྱི་ཁྲིམས་ཀྱི་དོན་ཚན་༥༥་དང་། ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་དང་༢༩༦་བཅས་ལ་འགལ་ཡོད་པས་དེར་བསྟུན་གྱིས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བརྡ་སྦྱོར་ཞིག་དེ་གའི་བོད་མིའི་དུད་ཁྱིམ་རེ་རེར་འཇིགས་བསྐུལ་གྱི་སྒོ་ནས་བཏང་འདུག།

བརྡ་སྦྱོར།

སྙིང་ཉེ་བའི་དྲ་གྲོགས་རྣམ་པར་ཞུ་རྒྱུར།

ཁྲིམས་རིག་རླུང་འཕྲིན། ༼ ༣ ༽

རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་འགྲོ་སྟངས་དང་། བཀག་ཉར་དང་འཛིན་བཟུང་དང་ཁྲིམས་བཤེར་བཅས་ཀྱིས་བརྒྱུད་རིམ།  དོ་བདག་ལ་ཡོད་པའི་ཐོབ་ཐང་། ཁྲིམས་ཁང་གོང་འོག་གི་བྱེད་ནུས་དང་རྒྱ་ནག་ཉེས་དོན་གཏུག་བཤེར་་སོགས་ཀྱི་གནད་དོན་མདོར་བསྡུས་ཤིག་བཤད་ཡོད།

རེབ་གོང་གི་བོད་སྐད་ཡིག་ལས་དོན་གྱི་ཡུལ་ཁྲིམས་ལ་རྩམ་དྲི་བྲོ་དགོས།

༼རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག༽་ཅེས་བྱ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་བཟོ་ལས་ཁུངས་ཀྱིས་རྨ་ལྷོ་ནས་བོད་སྐད་ཡིག་གི་བེད་སྤྱོད་དར་སྤེལ་གྱི་ཐད་ལ་བཟོས་བའི་ཡུལ་ཁྲིམས་ཞིག་ཡིན། ཁྲིམས་དེ་ནི་༡༩༩༣་ལོར་སྐབས་བཅུ་བའི་རྨ་ལྷོ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་གཏན་ལ་ཕབ་ཅིང་། ལོ་དེའི་ཟླ་༩་བ་ནང་དུ་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས། ༡༩༩༤་ལོ་ཟླ་༡་ནས་བཟུང་ལག་བསྟར་བྱས་བའི་ཡུལ་ཁྲིམས་ཞིག་རེད།

ཁྲིམས་རིག་རླུང་འཕྲིན། (༢)

རླུང་འཕྲིན་ལེ་ཚན་འདིའི་ནང་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་བྱུང་རབས་དང་།  རྩ་ཁྲིམས་ཀྱི་ནང་དོན། རྩ་ཁྲིམས་བཟོ་བཅོས་བྱེད་དགོས་བའི་རྒྱུ་མཚན་དང་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་ལྗོངས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱིད་དོན་ཚན་རྩ་ཁྲིམས་ནང་དུ་བསྣན་པ་བཅས་མདོར་བསྡུས་ཙམ་བཤད་ཡོད་པ་དང་། སྲིད་ཇུས་དང་ཁྲིམས་ལུགས་ཀྱི་འབྲེལ་བའང་ཅུང་ཟད་བཤད་ཡོད།

[audio mp3=”http://trimleng.cn/wp-content/uploads/2016/12/CrimPro-Chapter-2.mp3”][/audio]

ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱིས་གཏན་ལ་འཁེལ་བའི་ཁྱིམ་ཚང་གི་ནང་མིའི་ཐོབ་ཐང་།

ནང་མིའི་ཐོབ་ཐང་།

ཉེས་དོན་གཏུག་བཤེར་གྱི་སྐབས་སུ། བརྩད་གཅོད་དང་ཉེས་འཛུགས་བྱེད་བཞིན་པའི་ཉེས་ཅན་དོགས་ཡོད་མི་སྣ་དང་གྱོད་ཡ་སོགས་ཀྱི་ཁྱིམ་ཚང་གི་ནང་མི་ལའང་ཐོབ་ཐང་ཁ་ཤས་ཡོད། ཐོབ་ཐང་དེ་དག་ཤེས་ནས་བེད་སྤྱོད་བྱས་ན་རང་ཉིད་ཀྱི་གཉེན་ཉེ་དུ་ལ་ཕན་ཐོགས་སྲིད་པས། འདི་ནས་ཐོབ་ཐང་རེ་འགའ་གསལ་བཤད་བྱས་ཡོད།

༡ བརྡ་སྦྱོར་བྱེད་གཏོང་པའི་ཐོབ་ཐང་། གང་ཟག་ཅིག་བཀག་ཉར་དང་འཛིན་བཟུང་། གཏན་ཏུ་འཁེལ་བའི་བསྡོད་གནས་ལྟ་རྟོག་བྱས་ཚེ། རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་སོགས་ཀྱི་དམིགས་བསལ་གྱོད་གཞི་མ་གཏོགས། གང་ཟག་དེ་བཟུང་བཀྱིག་བྱེད་མཁན་གྱི་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆུ་ཚོད་༢༤ནང་དུ་གང་ཟག་དེའི་ནང་མིར་བརྡ་སྦྱོར་གཏོང་དགོས།  

༢ ངོ་ཕྲད་པའི་ཐོབ་ཐང་། རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་ནང་དུ། ཁྱིམ་ཚང་གི་ནང་མི་ཞིག་བཀག་ཉར་དང་འཛིན་བཟུང་སོགས་བྱས་བའི་རྗེས་སུ། དེའི་ནང་མི་ལྟ་རྟོག་ཁང་ལ་སོང་ནས་ངོ་ཐུག་ཆོག་མིན་ལ་གཏན་འཁེལ་གསལ་བོ་བྱས་མེད། ཡིན་ནའང་༡༩༩༠ལོར་སྤེལ་བའི་༼ལྟ་རྟོག་ཁང་གི་ཁྲིམས་སྲོལ༽་གྱི་དོན་ཚན་༢༨དང་༢༩་ལྟར་ན། ༼གྱོད་གཞི་དང་ལེན་ལས་ཁུངས་ཀྱི་བཀའ་འཁྲོལ་ཐོབ་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པའི་རྗེས་སུ། ནང་མིས་བཀག་ཉར་དང་འཛིན་བཟུང་བྱས་ཡོད་པའི་རང་གི་ཕ་མ་བུ་ཕྲུག་དང་ནང་མི་སྤུན་ཟླར་ངོ་ཐུག་ན་ཆོག བཟུང་བཀྱིག་བྱས་ཡོད་པའི་གང་ཟག་དེའི་བཟའ་ཟླ་དང་། ཡང་ན་དེའི་ཕ་མ་བུ་ཕྲུག་སོགས་ནད་ཀྱིས་ཟིན་ནས་འཆི་ལ་ཉེ་བ་ཡིན་ན། ཛ་དྲག་ཅིང་ཚབས་ཆེ་བའི་གྱོད་གཞི་ཡིན་ན་མ་གཏོགས། གྱོད་གཞི་དང་ལེན་ལས་ཁུངས་ཀྱི་བཀའ་འཁྲོལ་དང་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པའི་རྗེས་སུ། གང་ཟག་དེ་རང་ཁྱིམ་ལ་ནད་པར་བལྟ་སྐོར་དུ་སོང་ན་ཆོག་༽ཅེས་གཏན་འཁེལ་བ་བཞིན། བཟུང་བཀྱིག་བྱས་ཡོད་པའི་གང་ཟག་གིས་དེའི་ནང་མིར་ཐུག་ཕྲད་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཐུག་ཕྲད་བྱེད་དུ་འཇུག་པ་གཉིས་ཁྲིམས་འགལ་མིན་པས། ཐབས་ཚུལ་ཡོད་ན་ནང་མིར་ལྟ་རྟོག་ཁང་ནས་ངོ་ཐུག་པ་དང་རང་ཡུལ་ལ་ལོག་པའི་རེ་བ་སོགས་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ལ་ཡར་ཞུ་བྱས་ཆོག 国务院1990年颁布施行的《看守所条例》第2829条规定,被追诉者在羁押期间经办案机关同意并经公安机关批准,可以与近亲属会见;而且被追诉者的配偶、父母或者子女病危时,只要不属于案情重大,被追诉者经办案机关同意并经公安机关批准,就可在严格监护的条件下回家探视

༣ ནད་གཡོག་ཐོབ་པའི་ཐོབ་ཐང་། འཛིན་བཟུང་བྱས་བའི་ཉེས་དོགས་པ་དང་གྱོད་ཡ་ནི་ཉམ་ཐག་ནད་ཀྱིས་ཟིན་ཅིང་འགྲོ་འགུལ་གྱི་ནུས་བ་ཉམས་པའམ། ཡང་ན་རྒས་འཁོགས་ཅན་གྱི་ནང་མི་གཉོར་མཁན་ཉག་གཅིག་ཡིན་ཚེ། ཉེས་དོགས་པ་དང་གྱོད་ཡ་དེ་ལ་གཏའ་གྲོལ་དང་བསྡོད་གནས་ལྟ་རྟོག་གི་ཐབས་ཚུལ་སྤྱད་ནས་གློད་ཆོག འཛིན་བཟུང་བཀག་ཉར་བྱས་བའི་བུད་མེད་ནི་རང་ཉིད་ཀྱི་ཕྲུ་གུ་ལ་ནུ་མ་བསྣུན་པའི་དུས་ཡིན་ཚེ། མོར་ཡང་གཏའ་གྲོལ་དང་བསྡོད་གནས་ལྟ་རྟོག་གི་ཐབས་ཚུལ་སྤྱད་ནས་གློད་ཆོག

༤ དག་སེལ་བྱེད་པའི་ཐོབ་ཐང་། བཟུང་བཀྱིག་བྱས་ཡོད་པའི་ཉེས་དོགས་པ་དང་གྱོད་ཡ་ལ་ཁྲིམས་རྩོད་པ་མེད་པའམ། ཡང་ལོ་རང་ལོ་༡༨་ལ་ཟོན་མེད་ན། དེའི་ཕ་མ་དང་སྤུན་མཆེད་ཀྱིས་ཁོང་གི་ཚབ་བྱས་ནས་དག་སེལ་དང་དག་འབུད་བྱེད་ཆོག་ལ་ཁྲིམས་རའི་ཁྲིམས་བཤེར་ལ་མཉམ་ཞུགས་བྱས་ནས་རྩོད་སྒྲུབ་ཀྱང་བྱེད་ཆོག

༥ དཔང་མི་མི་བྱེད་པའི་ཐོབ་ཐང་། གྱོད་ཡའི་ཕ་མ་དང་བཟའ་ཟླ། བུ་ཕྲུག་བཅས་ལ་ཁྲིམས་ར་ཡོང་ནས་གྱོད་ཡར་ཉེས་འཛུགས་ཀྱི་དཔང་མི་བྱེད་པའི་འོས་འགན་མེད། གལ་ཏེ་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ནང་མིར་བརྡ་བཏང་ནས་ཁྲིམས་ར་ཡོང་སྟེ་རང་གི་ནང་མིར་ནག་ཉེས་ལྡན་པའི་སྐད་ཆ་ཤོད་ཟེར་ན་དེ་ནི་ཁྲིམས་དང་མི་མཐུན་པས་མ་སོང་ན་ཆོག ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༡༨༨་ནང་དུ་༼མི་མང་ཁྲིམས་ཁང་གི་བརྡ་སྦྱོར་ལ་སྣང་མེད་ཏུ་བཏང་ནས་ཁྲིམས་རར་བདེན་དཔང་བྱེད་པར་མ་ཡོང་ན། ཁྲིམས་ཁང་གིས་བཙན་དྲག་གི་ཐབས་ཚུལ་སྤྱད་ནས་གང་ཟག་དེ་ཁྲིམས་རར་ཁྲིད་ཆོག ཡིན་ནའང་གྱོད་ཡའི་བཟའ་ཟླ་དང་ཕ་མ། བུ་ཕྲུག་བཅས་ལ་དམིགས་བསལ་ཡོད།༽ཅེས་གཏན་འཁེལ་བྱས་ཡོད།

[gallery columns=”4” ids=”1058,1057,1056,1055”]

ཁྲིམས་རིག་རླུང་འཕྲིན། ༼༡༽

སྒྲ་མཛོད་འདིའི་ནང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ལོ་རྒྱུས་དང་། ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཁྲིམས་ལུགས། བོད་ཁམས་ནས་བཟོས་བའི་ཡུལ་ཁྲིམས་སོགས་མཚམས་སྦྱོར་དང་འགྲེལ་བརྗོད་བྱེད་གིན་ཡིན། གསན་མཁན་རྣམ་པས་དུས་ལྟར་གསན་པར་དགའ་བསུ་ཞུ། ལེའུ་ཚན་འདི་བརྒྱུད་ནས་ཁྲིམས་ལུགས་ཐད་ཀྱི་བསམ་འཆར་དང་ཐབས་ལམ་སོགས་བརྗེ་རེས་བྱས་ཏེ། ཁྲིམས་ཤེས་བར་འདོད་པ་རྣམས་ལ་ཁྲིམས་ཀྱི་རྒྱུན་ཤེས་སྤེལ་བ་དང་། རྒྱ་ཆེ་བོད་རིགས་སྤུན་ཟླ་རྣམས་ལ་ཁྲིམས་ལུགས་ཤེས་བྱ་ཡིས་གང་ལ་གང་འཚམས་ཀྱི་་ཕན་ཐོགས་ཡོང་པར་སྨོན་ཞེས་ཁྲིམས་གླེང་ནས་སྤེལ།

ཁྲིམས་བཅས་ནས་ལག་བསྟར་མི་བྱེད་པའི་ཉེན་ཁ་ནི་ཁྲིམས་མེད་པ་ལས་ཆེ།

བགྲེས་སོང་འདིའི་མཚན་ལ་མང་ཧོར་ཏཱ་ལའི་༼孟和达赖༽ཟེར། ཁོང་ནི་ནང་སོག་མཁར་སྔོན་པོ་གྲོང་ཁྱེར་༼呼和浩特市༽་གྱི་རྫས་འགྱུར་བཟོ་གྲྭ་ཞིག་ནས་བགྲེས་ཡོལ་བྱས་པའི་ལས་བྱེད་ཅིག་རེད། ཁོང་གིས་བྲིས་པའི་ཞུ་མཆིད་འདིའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་གྱི་དཀའ་ཚེགས་དང་གནད་དོན་མང་པོ་ཞིག་བསྟན་འདུག།

རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བླ་རུང་སྒར་གྱི་བར་ཐག

[caption id=”” align=”alignleft” width=”272”]Buddhist monks, Kham, hilltop, town, village, hillside homes བླ་རུང་སྒར།[/caption]